仅限内网访问

抱歉!你无法访问此页面 此为员工通道 仅限内部网络进行访问

如需就诊服务请选择使用选择公众版

确认

ནད་པའི་ཞབས་ཞུ།

仅限内网访问

抱歉!你无法访问此页面 此为员工通道 仅限内部网络进行访问

如需就诊服务请选择使用选择公众版

点击进入公众版
སྐད་གདངས་ཁྱབ་གཏོང་:

སྨན་བསྟེན་དུས་ཚོད

1.ངེད་སྨན་ཁང་གི་ཐོག་བརྩེགས་དང་པོའི་ཚོམས་ཆེན་དུ་ཞབས་ཞུའི་བློ་འདྲིའི་སྟེགས་བུ་བཙུགས་ཡོད་པས། སྔོན་བཤེར་ཁག་བགོས་དང་། སྨན་བཅོས་སྣེ་ཁྲིད། སྨན་པ་བསྟེན་པའི་བློ་འདྲི་དང་དེ་བཞིན་གྱི་རོགས་རམ་མཁོ་འདོན་བྱེད།  ངེད་སྨན་ཁང་གི་ཝུའུ་ཧོའུ་སྨན་ཁང་དུ་སྨན་བཅོས་བྱེད་ར་ཡོང་བའི་ནད་པས་ཐོག་ཁང་དང་པོའི་བརྩེགས་གཅིག་དང་ ཐོག་ཁང་དྲུག་པའི་བརྩེགས་གཅིག་གི་ཡོན་བསྡུ་སྒེའུ་ཁུང་། དེ་མིན་ཐོག་ཁང་དང་པོའི་བརྩེགས་གཅིག་གི་རམ་འདེམ་འཕྲུལ་འཁོར་ཐོག་ནས་རང་འགུལ་ངང་ཐོ་འགོད་བྱེད་ཆོག ཞི་ཕུའུ་སྨན་ཁང་དུ་སྨན་བཅོས་བྱེད་སར་ཡོང་བའི་ནད་པས་ཐོག་ཁང་དང་པོའི་བརྩེགས་གཅིག་དང་། མྱུར་བཅོས་ཡོན་བསྡུ་ཁང་། དེ་མིན་ཐོག་ཁང་དང་པོའི་བརྩེགས་གཅིག་ནས་གསུམ་བར་གྱི་རམ་འདེམ་འཕྲུལ་ཆས་ཐོག་ནས་རང་འགུལ་ཐོ་འགོད་བྱེད་ཆོག

2.ངེད་སྨན་ཁང་གིས་ཉིན་ཧྲིལ་བོའི་ལས་ཀ་སྒྲུབ་པའི་ལམ་ལུགས་ལག་བསྟར་བྱེད། སྒོ་བསྟེན་སྨན་ཁང་གི་བརྟག་དཔྱད་བྱེད་པའི་དུས་ཚོད་ནི་སྔ་དྲོའི་ཆུ་ཚོད་བརྒྱད་ནས་བཅུ་གཉིས་བར་དང་ཕྱི་དྲོའི་ཆུ་ཚོད་གཅིག་དང་ཕྱེད་ཀ་ནས་ཆུ་ཚོད་ལྔའི་བར་ཡིན་པ་དང་། སྔ་དྲོ་དང་ཕྱི་དྲོ་གཉིས་ཀར་སྐར་མ་བཅོ་ལྔའི་སྔོན་ལ་ལས་རེས་ཐོ་འགོད་བྱེད་མཚམས་འཇོག་དེ་མིན་གྱི་དུས་ཚོད་དང་ཉིན་རེར་ཉིན་མཚན་མེད་པར་མྱུར་བསྟེན་ཚན་ཁག་སྒོ་ཕྱེ་རྒྱུ་ཡིན། སྔ་མོའི་ཆུ་ཚོད་བདུན་དང་ཕྱེད་ཀ་ནས་སྒོ་སྟེན་ཨང་འགོད་བྱེད་ཆོག

[གཟའ་མཇུག་སྒོ་སྟེན་སྐོར།]

ཝུའུ་ཧོའུ་སྨན་ཁང་དུ་ཚན་ཁག་ཁག་་གཟའ་མཇུག་གི་སྒོ་བསྟེན་སྨན་ཁང་བཙུགས་ཡོད

བསེ་ཕུ་སྨན་ཁང་དུ་ཚན་ཁག་ཁག་་གཟའ་མཇུག་གི་སྒོ་བསྟེན་སྨན་ཁང་བཙུགས་ཡོད

 ཞིབ་བཤེར་བྱེད་དུས་ངེས་པར་དུ་ཤེས་དགོས་རྒྱུ།  

ཁྲག་ལ་བརྟག་པ།

མཁལ་མ་དང་། མཆིན་པ། ཁྲག་མངར ཁྲག་ཞག སྐེ་རྨེན གྲུམ་ནད། སྙིང་དང་ཁྲག་རྩའི་སྐྱེ་དངོས་རྫས་འགྱུར་ཚད་འཇལ་བྱེད་སྐབས་ཁོག་སྟོང་དུ་ཁྲག་འཐེན་དགོས།

མཆིན་ཚད་རྟགས་མཚན་དངོས་པོ་དང་རེག་དུག HIV འབྲས་གཤིས་དམིགས་ཚད། མཚན་སྐུལ་རྩི།HCGཡི་ནད་པར་ཁོག་སྟོང་དུ་ཁྲག་ལེན་དགོས།

ཞིབ་བཤེར་སྙན་ཞུ་དང་ཉིང་རྡུལ་གསོ་རིག་ཞིབ་བཤེར་སྙན་ཞུ་ལེན་པའི་དུས་ཚོད་ཞིབ་བཤེར་ཚན་པའི་ལས་སྒྲུབ་མི་སྣར་འདྲི་དགོས།

 ཁ འདས་སྒྲའི་བརྟག་དཔྱད།

མཆིན་པ་དང་། མཁྲིས་པ། གཤེར་མ། ཚེར་པ། ཕོ་བ། རྒྱུ་མ། གསུས་ཁག་སོགས་ཀྱི་སྐྲངས་རྡོག་ལ་བརྟག་དཔྱད་བྱེད་དགོས་ན་ཟ་མ་ཟ་མི་ཉན། ཆུ་ཚོད་བརྒྱད་ནས་བཅུ་གཉིས་བར་ཆུ་འཐུང་མི་ཉན། ཉིན་གསུམ་རིང་དཀར་ཟས་ཟོས་ན་ལེགས།

མཚང་ཁོག་ནང་ཁྲོལ་གྱི་གཅིན་ཚན་དང་བུ་བཙའ་ཚན་ཁག་གི་བརྟག་དཔྱད་མ་བྱས་གོང་དུ་ཆུ་འཐུང་དགོས་ལ་ཐ་ན་ལྒང་བུ་གང་བཅུག་ན་བརྟག་དཔྱད་ཐིག་པོ་ཡོང་ཐུབ

༣ དོན་ཚན་ཞིབ་ཕྲ་འདས་སྒྲའི་གསོ་རིག་ལྟེ་གནས་ཀྱི་སྨན་བསྟེན་བརྒྱུད་རིམ་དང་མཉམ་འཇོག་བྱ་ཡུལ་ལྟ་རོགས།

 འགྱེད་འཕྲོ་དང་། CT ཉིང་རྡུལ་ཁབ་ལེན་མཉམ་འདར། ནང་ཤེལ་གྱི་ཕོ་རྒྱུ་ཤེལ་སོགས་ལ་ཞིབ་བཤེར་བྱེད་སྐབས་དེ་མཚུངས་ཀྱི་ཚན་ཁག་ཏུ་ཁ་ཆད་བྱས་པ་དང་དམིགས་བསལ་ཞིབ་བཤེར་བྱེད་སྐབས་དེ་མཚུངས་ཀྱི་ཚན་ཁག་གི་ངེས་པར་དུ་ཤེས་དགོས་རྒྱུར་ལྟ་དགོས་པའམ་ཡང་ན་ལས་དོན་མི་སྣའི་མཛུབ་ཁྲིད་ལ་ཉན་དགོས།

 

 

扫一扫,手机端浏览