གསུམ་པར། བྱང་བུ་སྒྲུབ་པར་གོ་དགོས་རྒྱུ།
སྨན་བཅོས་བྱང་བུ་ཇི་ལྟར་བསྒྲུབ་རྒྱུ་དང་བེད་སྤྱོད་བྱེད་ཚུལ།
ཀ ངེད་སྨན་ཁང་གི་སྒོ་བསྟེན་སྨན་བཅོས་ཞབས་ཞུ་ལ་ཆ་འཕྲིན་ཅན་གྱི་དོ་དམ་ལག་བསྟར་བྱས་པ་དང་། ཨང་འགོད་དང་། སྨན་བཅོས། ཞིབ་བཤེར། ཡོན་སྤྲོད་སོགས་བྱེད་དུས་སྨན་བཅོས་བྱང་བུ་དང་རྟོག་བཟོའི་བྱང་བུ་སྤྱོད་ཆོག
ཁ སྨན་བཅོས་བྱང་བུ་ཇི་ལྟར་བསྒྲུབ་དགོས་པ་དང་ཇི་ལྟར་སྤྱོད་དགོས་ཚུལ།
༡ ཐོག་མ་ཡོང་བའི་ནད་པས་ཐོབ་ཐང་ལག་ཁྱེར་སོགས་གོ་ཆོད་ཀྱི་མ་ཡིག་བཟུང་ནས་ཡོན་བསྡུ་སྒེའུ་ཁུང་དང་རང་འགུལ་ཞབས་ཞུའི་འཕྲུལ་འཁོར་ཐོག་ནས་སྨན་བཅོས་བྱང་བུ་སྒྲུབ་ཆོག་པ་མ་ཟད། གོ་རིམ་ལྟར་ཨང་འགོད་དང་ཡོན་སྤྲོད། ཞིབ་བཤེར་སོགས་འགྲོ་ལུགས་བསྒྲུབ་ཆོག གལ་སྲིད་གོ་ཆོད་པའི་ལག་ཁྱེར་མེད་ན་བློ་འདྲིའི་སྟེགས་བུ་ནས་ནད་པའི་ཆ་འཕྲིན་བྲིས་པ་དང་། ཆ་འཕྲིན་ཡི་གེ་འཁྱེར་ནས་ཨང་འགོད་སྒེའུ་ཁུང་དུ་ཨང་འགོད་བྱེད་དགོས།
༢ སྨན་བཅོས་བྱང་བུ་ནི་ནད་པ་རང་ཉིད་ཀྱིས་སྨན་བསྟེན་སྐབས་མ་གཏོགས་སྤྱོད་མི་ཉན། བྱང་བུའི་སྟེང་གི་རུས་མིང་བསྒྱུར་མི་ཆོག མི་གཞན་ལ་གཡར་ནས་བྱུང་བའི་མཇུག་འབྲས་ཀྱི་འགན་རང་གིས་ཁུར་དགོས།
ག གལ་ཏེ་ནད་པའི་ཆ་འཕྲིན་བཟོ་བཅོས་བྱེད་དགོས་ན་ཡོན་བསྡུ་སྒེའུ་ཁུང་དུ་སོང་དགོས།